༄༅།། གསལ་བརྡ།    དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡའི་ཡིག་གཟུགས་དང་IE-8སྤྱོད་དགོས། ཧི་མ་ལ་ཡའི་ཡིག་གཟུགས་འདི་ནས་ཕབ་ལེན་བྱོས་ཆོག།   IE-8འདི་ནས་ཕབ་ལེན་བྱོས་ཆོག།

མི་སྣ།
ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། རྨ་རྒྱལ་གངས་ཐིགས་དྲ་བ། >> པར་རིས་འཕྲིན་གསར། >> གཟན་དཀར་མཆོག་སྤྲུལ་གྱིས་དཔེ་རྙིང་དཔེ་ཚོགས་མང་པོའི་སྦྱིན་གཏོང་གནང་བ།

གཟན་དཀར་མཆོག་སྤྲུལ་གྱིས་དཔེ་རྙིང་དཔེ་ཚོགས་མང་པོའི་སྦྱིན་གཏོང་གནང་བ།

རྩོམ་པ་པོ། འཇམ་དབྱངས་རྒྱ་མཚོ།

རྩོམ་འདི་ཐེངསལ་བལྟས། [ ཡིག་འབྲི་ཆེ་ཆུང་།   ཆེ  འབྲིང་།  ཆུང་། ][ ཉར་ཚགས་བྱེད་པ། ] [ པར་དུ་སྐྲུན་པ། ] [ དྲ་ངོས་བསུམ་པ།]

         གཟན་དཀར་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཉི་མ་ལགས་ཀྱིས་ཡུལ་མགོ་ལོག་གི་དགོན་ཁག་སོ་སོ་ལ་བོད་ཀྱི་དཔེ་རྙིང་དཔེ་ཚོགས་མང་པོ་སྦྱིན་གཏོང་གནང་བ།

          གཟན་དཀར་རིན་པོ་ཆེ་མཆོག་གིས་ལོ་འགའི་ཡར་སྔོན་དུ་མགོ་ལོག་གི་དགོན་པ་སོ་སོ་དང་འབྲེལ་ཡོད་མི་སྣ་དག་ལ་བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་དང་
རྙིང་མའི་རྒྱུད་འབུམ་དཔེ་ཚོགས།མེས་པོའི་ཤུལ་བཞག་ཅེས་པའི་དཔེ་ཚོགས།མཁྱེན་བརྩེའི་འོད་སྣང་ཕྱོགས་བསྒྲིགས་ཞེས་པའི་དཔེ་ཚོགས།ཇོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།
ཇོ་ནང་ཏཱ་ར་ན་ཐའི་གསུང་འབུམ།སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ།འུ་ཡུག་པ་སེང་གེའི་གསུང་འབུམ།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ།སྨན་བླའི་མདོ་ཆོག
གུང་རི་རྒྱལ་མཚན་གྱི་གསུང་འབུམ་འབྲས་སྤུངས་དཔེ་རྙིང་དཀར་ཆགཀློང་ཆེན་རབ་འབྱམས་པའི་གསུང་འབུམ།བོད་ཀྱི་རྣམ་ཐར་ལོ་རྒྱུས་ཕྱོགས་སྒྲིགམཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།
ལྷོ་བྲག་མར་བ་ལོ་ཙཱའི་གསུང་འབུམ།རྗེ་བཙུན་མི་ལ་རས་པའི་གསུང་འབུམ།བར་དོའི་ཐོས་གྲོལ་ཆེན་མོ།བོད་ཁུལ་གྱི་ཆོས་སྡེ་གྲགས་ཅན་སོགས་ཀྱི་དཔེ་རྙིང་དཔར་ཆག་སོགས་བོད་ཀྱི་དཔེ་རྙིང་
རྩ་ཆེན་འགངས་ཆེན་གང་མང་ཞིག་གནང་སྦྱིན་བྱས་པ་ཡིན་ལ།ད་རེབ་ཡང་མཆོག་སྤྲུལ་ཁོང་ཉིད་ཀྱིས་གཏོང་ཕོད་ཀྱི་ཕྱག་ཟུང་རིང་དུ་བསྲིངས་སྟེ་ངེད་རྨ་ཡུལ་བོད་ཀྱི་སྐྱེ་ཁམས་རིག་གནས་སམ་
ཁམས་གསོ་བདེ་སྲུང་མཐུན་ཚོགས་བརྒྱུད་དེ་བར་དོ་ཐོས་གྲོལ་གྱི་དཔེ་ཚོགསདེབ༡_ཆ་ཚང་བརྒྱ་ཐམ་པ༡༠༠དང་བོད་ཀྱི་རིག་གནས་ལོ་རྒྱུས་སྐོར་གྱི་དཔེ་ཚོགས་ཆ་ཚངདེབ༡-༦༠པོ་ཏི༢༠༤༠ལྷགཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ་དཔེ་ཚོགས༡-༢༥ཆ་ཚང༤།རྗེ་མི་ལ་རས་པའི་གསུང་འབུམ་ཆ་ཚང༡-༧ཆ་ཚང་བཅུ་ཐམ་པ༡༠ལྷོ་བྲག་མར་པ་ལོ་ཙཱ་བའི་གསུང་འབུམ་བཅུ་ཐམ་པ་བཅས་མགོ་ལོག་ཁུལ་གྱི་དགོན་སྡེ་སོ་སོ་ལ་སྦྱིན་གཏོང་གནང་བ་ཡིན།

མཆོག་སྤྲུལ་ཁོང་ཉིད་ཀྱིས་ཕྱོགས་གཅིག་ནས་བོད་ཀྱི་རིག་གནས་ལོ་རྒྱུས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་ཡོང་ཆེད་དང་ཕྱོགས་གཅིག་ནས་བླུ་ཡོན་མི་དགོས་པར་བོད་ཀྱི་གནའ་རྩོམ་

དཔེ་རྙིང་དཔེ་ཚོགས་བགྲང་གིས་མི་ལངས་པ་ཞིག་བོད་ཁུལ་གྱི་དགོན་སྡེ་སོ་སོ་དང་འབྲེལ་ཡོད་ཀྱི་རིག་གནས་སྡེ་ཁག་ལ་སྦྱིན་གཏོང་འགྲེམ་སྤེལ་གནང་བ་ལ་ཀུན་གྱིས་རྗེས་སུ་ཡི་རང་དང་

ཐུགས་རྗེ་ཡང་ཡང་ཞུ་བཞིན་མཆིས་སོ།

བར་དོ་ཐོས་གྲོལ་ཆེན་མོ་དང་བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས།
རྙིང་དཔེ་ཚོགས་འགྲེམ་སྤེལ་བྱེད་བཞིན་པའི་ཚུལ།

 


རྩོམ་སྤེལ་དུས་ཚོད། 2012-02-28 19:22:46རྩོམ་གྱི་འབྱུང་ཁུངས། ངེད་དྲ་བ།


གོང་དངོས།མར་མེ་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་པའི་གནས་ཚུལ་མདོར་བསྡུས།
འོག་ངོས།མར་མེ་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་པ་མཇུག་སྒྲིལ་བ།

དཔྱད་གླེང་།

དཔྱད་གཏམ་སྤེལ་བ།

པར་ངོས་འདིའི་པར་དབང་རྨ་ཡུལ་བོད་ཀྱི་སྐྱེ་ཁམས་རིག་གནས་དང་ཁམས་གསོ་བདེ་སྲུང་མཐུན་ཚོགས་ལ་དབང་པས།
ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
ཡིག་ཟམ།gangdi888@163.comཁ་པར། ༠༩༧༥༨༣༨༣༧༡༣      
青ICP备11000008号