༄༅།། གསལ་བརྡ།    དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡའི་ཡིག་གཟུགས་དང་IE-8སྤྱོད་དགོས། ཧི་མ་ལ་ཡའི་ཡིག་གཟུགས་འདི་ནས་ཕབ་ལེན་བྱོས་ཆོག།   IE-8འདི་ནས་ཕབ་ལེན་བྱོས་ཆོག།

སྒྲོལ་མ་ཉེར་གཅིག

རྩོམ་པ་པོ། དམེ་ཚང་ཡེ་ཤེས་རྒྱ་མཚོ།

རྩོམ་འདི་ཐེངསལ་བལྟས། [ ཡིག་འབྲི་ཆེ་ཆུང་།   ཆེ  འབྲིང་།  ཆུང་། ][ ཉེར་ཚགས་བྱེད་པ། ] [ པར་དུ་སྐྲུན་པ། ] [ དྲ་ངོས་བསུམ་པ།]


ཨ་མ་བདེ་སྐྱིད་སྒྲོལ་མ།
མི་ལུས་ཐོབ་པའི་ཤ་ལྡོག་ཆུང་ཆུང་།།
མི་ཡུལ་འདི་རུ་ལྟད་མོར་སླེབ་དུས།།
མ་ཡུམ་ཁྱེད་ཀྱིས་གཉོར་སྐྱོང་མེད་ན།།
མི་ཚེའི་བདེ་སྐྱིད་རོལ་ཐབས་མི་འདུག།

སྲིང་ཆུང་ཆོས་ཉིད་སྒྲོལ་མ།
བཅུ་དྲུག་ལང་ཚོ་རྒྱས་པའི་སྲིང་ཆུང་།།
རྒྱུས་མེད་གནས་ཡུལ་འགྲིམས་པའི་སྲིང་ཆུང་།།
ཁྱོད་རང་གནས་ལ་སོང་བའི་ཡུལ་ན།།
ཁོར་ཡུག་སྔར་ལྟར་སྐྱིད་པོ་ཨེ་རེད།།

སྲིང་ཆུང་ཡེ་ཤེས་སྒྲོལ་མ།
ཤེས་རིག་མེ་ཏོག་ལྡུམ་རར་འགྲིམས་པའི།།
སྲིང་མོ་ཁྱོད་ལ་སྐལ་བ་མ་ལྡན།།
གཡང་དཀར་ལུག་ཁྱུའི་རྨིག་རྗེས་དེད་ནས།།
གཅེས་པའི་མི་ཚེའི་ཕྱེད་ཀ་ཟད་སོང་།།

ནུ་མོ་ཀུན་བཟང་སྒྲོལ་མ།
ངུ་ཡང་སླ་ལ་དགོད་ཡང་རྐྱེན་པའི།།
ན་ཆུང་བྱིས་པའི་ངང་ཚུལ་ལྟ་བའི།།
གཉོམ་ཆུང་ལུས་པོ་མེ་ཏོག་འདྲ་བོ།།
སུག་བཞིའི་རྗེས་ནས་རླུང་ལ་བསྐྱོད་སོང་།།

ནུ་མོ་གདུགས་དཀར་སྒྲོལ་མ།
ལྷད་མེད་གཤིས་རྒྱུད་བལ་དཀར་འདྲ་བོ།།
གྲོགས་པོ་སྟོང་གི་སེམས་ན་མཛེས་ཡོད།།
བཟང་གསུམ་འཛོམས་པའི་བུ་མོ་ཆུང་ཆུང།།
མཛེས་མའི་ནང་གི་དྭངས་རྩེ་ཁྱོད་རེད།།

དྭངས་ཆེན་རྟ་མགྲིན་སྒྲོལ་མ།
རང་རློམས་ཆེ་བའི་བུ་མོ་ཁྱོད་ཀྱིས།།
སྟག་ཤར་རྣམས་ལ་བསླུ་བྲིད་བཏང་བས།།
གྱང་ཁའི་རྩྭ་ཡི་མིང་བྱང་ཁུར་བ།།
ཁྱོད་ཀྱིས་ད་ལྟ་ཤེས་ཀྱིན་ཨེ་ཡོད།།

གླུ་མ་དབྱངས་ཅན་སྒྲོལ་མ།
སྙན་མོ་གླུ་ཡི་འགྱུར་ཁུགས་ཞིག་གིས༎
གངས་ཅན་བོད་ལ་མཛེས་སྡུག་བསྐྲུན་བྱུང་༎
ཁྱོད་ཀྱི་གཤིས་རྒྱུད་བཟང་མིན་ཕྱོགས་ལ༎
ད་དུང་བདག་ལ་ཆ་རྒྱུས་མི་འདུག།

སྲིང་ཆུང་ཨོ་རྒྱན་སྒྲོལ་མ།
དྲིན་ཆེན་ཕ་མའི་བཀའ་ལུང་བཙན་པོས༎
རྒྱུས་མེད་ཡུལ་ལ་བག་མར་བཏང་བྱུང་༎
ཆ་རྒྱུས་མེད་པའི་ཁྱོ་བོ་དེ་ཡིས༎
ཁྱོད་ལ་བདེ་སྐྱིད་བསྐྲུན་པ་ཨེ་འདུག།

གྲོང་ཁྱེར་རྡོ་རུས་སྒྲོལ་མ༎
ཁྲ་ཁྲ་རིག་རིག་གྲོང་ཁྱེར་ནང་ནས༎
བརྒྱ་ཚོགས་སྟོང་འདུས་མི་ཚོགས་ཁྲོད་ནས༎
ཁྲེལ་གཞུང་མེད་པའི་བུ་མོ་ཁྱོད་ཀྱིས༎
སྟག་ཤར་གང་མང་མགོ་སྐོར་ཨེ་བཏང་༎
༡༠
མེ་ཏོག་སྒྲོལ་མ།
ཁྱོད་རང་དང་ཐོག་འབྲོག་ན་ཡོད་དུས༎
སྟག་ཤར་སེམས་ཀྱི་མེ་ཏོག་སྒྲོལ་མ།།
ད་ལྟ་ཁྱོད་རང་གྲོང་ན་འཁྱམ་དུས༎
སྨད་ཚོང་མ་དང་གཉིས་སུ་མ་མཆིས།།
༡༡
མེ་ལུང་རྣམ་རྒྱལ་སྒྲོལ་མ།
བྱིས་པའི་དུས་སུ་རི་ལུང་ཀུན་ལ༎
གཡང་དཀར་ལུག་ཁྱུ་མཉམ་དུ་འཚོས་ནས།

12

རྩོམ་སྤེལ་དུས་ཚོད། 2012-04-08 19:46:21རྩོམ་གྱི་འབྱུང་ཁུངས། 2012ལོའི་རྨ་རྒྱལ་གངས་ཐིགས།


གོང་དངོས།༄༅།།ཕ་ཡུལ་ལ་བསྟོད་པ།
འོག་ངོས།གཙང་བོའི་ཕ་རོལ། ༼ སྙན་ཚོམ ༽

དཔྱད་གླེང་།

དཔྱད་གཏམ་སྤེལ་བ།

 

པར་ངོས་འདིའི་པར་དབང་རྨ་ཡུལ་བོད་ཀྱི་སྐྱེ་ཁམས་རིག་གནས་དང་ཁམས་གསོ་བདེ་སྲུང་མཐུན་ཚོགས་ལ་དབང་པས།
ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
ཡིག་ཟམ།gangdi888@163.comཁ་པར། ༠༩༧༥༨༣༨༣༧༡༣
青ICP备11000008号